ཁ་མི་བཟེད་པའི་ངག་བརྗོད།

རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་ཡོངས་འབྲེལ་འཆར་སྒོའི་ནང་དོན།
རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ གཞུང་འབྲེལ་གྱི་ཡོངས་འབྲེལ་འཆར་སྒོ་ http://www.bhutanaudit.gov.bt འདི་ལག་ལེན་འཐབ་ཨིན། འཆར་ཤོག་འདི་གིས་ འཆར་སྒོ་འདི་ནང་གསལ་བཀོད་འབད་དེ་ཡོད་པའི་ བརྡ་དོན་དང་འབྲེལ་བའི་ སྲིད་བྱུས་ཀྱི་བརྡ་དོན་ཚུ་མཁོ་སྤྲོད་འབདཝ་ཨིན། འཆར་སྒོ་འདི་ནང་ཡོད་པའི་མཁོ་ཆས་དང་ བརྡ་དོན་ཚུ་ ཁུངས་ལྡན་དང་ ཀུན་ཚང་ཅིག་ཨིན་རུང་ ང་བཅས་ཀྱིས་ ལག་ལེན་འཐབ་མི་ཚུ་གིས་ རང་སོའི་ཐབས་རིག་དང་ སྤྱང་རིག་གི་སྒོ་ལས་ལག་ལེན་འཐབ་དགོ་པའི་ གྲོས་འདེབས་ཕུལཝ་ཨིན།


རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་ཡོངས་འབྲེལ་འཆར་སྒོ་གཟིགས་ནི།
ཁྱོད་ཀྱིས་ བརྡ་དོན་ལྷག་ནི་དང་ ཕབ་ལེན་འབད་ནིའི་དོན་ལུ་ ང་བཅས་ཀྱི་ཡོངས་འབྲེལ་འཆར་སྒོ་གཟིགས་ཏེ་འབད་རུང་ ང་བཅས་ཀྱིས་ ཁྱོད་ཀྱི་བརྡ་དོན་ཚུ་བསྡུ་གསོག་འབད་ནི་མེད། ཡོངས་འབྲེལ་འཆར་སྒོ་གཟིགས་མི་ཚུ་གིས་ རང་སོའི་བརྡ་དོན་ཚུ་བྱིན་ནི་གི་བློ་འདོད་ཡོད་ན་མ་གཏོགས་ སྤྱིར་བཏང་ལུ་ རང་སོའི་བརྡ་དོན་ཚུ་གསལ་བསྒྲགས་མ་འབད་བར་ གཟིགས་ཚུགས།
དབང་འཛིན་ཡོད་པའི་རིམ་ལུགས་འཛིན་སྐྱོང་འཐབ་མི་གང་རུང་གིས་ ཡོངས་འབྲེལ་འཆར་སྒོ་གཟིགས་མི་གི་གྱངས་ཁ་རྐྱངམ་གཅིག་བལྟ་ཚུགས་ནི་དང་ འདི་གིས་ ལག་ལེན་འཐབ་མི་ཚུ་ངོས་འཛིན་འབད་ནི་མེདཔ་དང་ བརྡ་དོན་ཚུ་ཡང་ རིམ་ལུགས་འཛིན་སྐྱོང་འཐབ་ནི་དང་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་ལུ་ ཡོངས་འབྲེལ་འཆར་སྒོ་ལག་ལེན་དང་འབྲེལ་བའི་ གནད་སྡུད་མཁོ་སྤྲོད་འབད་ནི་གི་དོན་ལུ་རྐྱངམ་གཅིག་ ལག་ལེན་འཐབ་ནི་ཨིན།


ཕྱི་ཁའི་འབྲེལ་མཐུད་ཚུ།
འ་ནཱི་ཡོངས་འབྲེལ་འཆར་སྒོ་འདི་ འབྲེལ་བ་ཡོད་པའི་ ཡོངས་འབྲེལ་འཆར་སྒོ་གཞན་དང་གཅིག་ཁར་ འབྲེལ་མཐུད་ཡོདཔ་ཨིན། འདི་བཟུམ་མའི་འཆར་སྒོ་གཞན་མི་ཚུ་གི་ནང་དོན་ ཡང་ན་ སྒེར་གསང་གི་ལག་ལེན་ཚུ་གི་ཐད་ཁར་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ ཁ་འགན་ག་ནི་ཡང་འབག་ནི་མེདཔ་ཨིན། ང་བཅས་ཀྱིས་ ལག་ལེན་འཐབ་མི་ཚུ་ལུ་ ཡོངས་འབྲེལ་འཆར་སྒོ་གང་རུང་གི་ སྒེར་གསང་གི་ངག་བརྗོད་ཚུ་ལྷག་དགོ་པའི་ ཞུ་སྐུལ་འབདཝ་ཨིན།


མི་སྡེ་བརྡ་བརྒྱུད་ཀྱི་ཐབས་ཆས།
ལག་ལེན་འཐབ་མི་ཚུ་གིས་ མི་སྡེ་གློག་རིག་ཡོངས་འབྲེལ་ཚུ་ནང་ག་ཅི་རང་བཙུགས་རུང་ མཐར་ཐུག་ལུ་མི་ཚུ་གིས་ མཐོང་ཚུགས་ཟེར་མི་འདི་ སེམས་ཁར་དྲན་དགོ། ཡོངས་འབྲེལ་ནང་གི་བརྡ་དོན་ཚུ་ ལག་ལེན་པ་གིས་ རེ་འདུན་བསྐྱེད་མིའི་དགོས་དོན་རྐྱངམ་གཅིག་མེན་པར་ དགོས་དོན་གཞན་གྱི་དོན་ལུ་ཡང་ལག་ལེན་འཐབ་སྲིད་ནི་ཨིནམ་ལས་ མི་སྡེ་བརྡ་བརྒྱུད་ཀྱི་རིམ་ལུགས་ཚུ་ བཟང་སྤྱོད་ཀྱི་སྒོ་ལས་ལག་ལེན་འཐབ་ནི་དང་ སྤྱང་རིག་གི་སྒོ་ལས་བརྡ་སྤྲོད་འབད་དགོཔ་ཨིན།
ཡོངས་འབྲེལ་འཆར་སྒོ་འདི་ནང་ ཡོངས་འབྲེལ་འཆར་སྒོའི་ནང་དོན་ཚུ་ འཆར་ཤོག་ཚུ་ནང་ལས་ ཐད་ཀར་དུ་ མི་སྡེ་བརྡ་བརྒྱུད་ཀྱི་རིམ་ལུགས་ཚུ་ནང་ བརྗེ་སོར་འབད་ནི་ནང་ཕན་འདེབས་འབད་ནིའི་དོན་ལུ་ མི་སྡེ་བརྗེ་སོར་གྱི་ཨེབ་རྟ་ཚུ་ཡོདཔ་ཨིན། འདི་བཟུམ་མའི་ མི་སྡེ་བརྗེ་སོར་གྱི་ཨེབ་རྟ་ཚུ་ ལག་ལེན་མ་འཐབ་པའི་ཧེ་མ་ ལག་ལེན་འཐབ་མི་ཚུ་གིས་ ལས་བྱེད་པ་ཚུ་གིས་ མི་སྡེའི་ཡོངས་འབྲེལ་གྱི་ས་ཁོངས་ཚུ་ནང་ ག་ཅ་ར་བཙུགསཔ་ཨིན་ན་ ལྟ་རྟོག་འབད་ནི་གི་ཐབས་ལམ་ཡོདཔ་ཨིནམ་ ཧ་གོ་དགོ། འདི་བཟུམ་མའི་མི་སྡེ་བརྡ་བརྒྱུད་ཀྱི་རིམ་ལུགས་ཚུ་ནང་ རྒྱལ་ཁབ་དང་གཙུག་སྡེ་གི་མིང་གཏམ་ལུ་གནོད་པའི་རྒྱུ་རྐྱེན་འབད་སྲིད་ནི་ཨིན་པའི་སྐད་ཚུ་/བསམ་འཆར་ཚུ་/ཡིག་རིགས་ཚུ་བཙུགས་མི་ཚུ་གི་ཐད་ཁར་ ‘དགའ་’ རྟགས་བཀལ་ནི་དང་ དེ་བསྟུན་གྱི་ཉེན་ཁ་ཚུ་ ལག་ལེན་འཐབ་མི་རང་ར་སོ་སོ་ལུ་ཕོགཔ་ཨིན།