ཡང་བསྐྱར་གྱི་དྲི་བ།

གྲོས་གནས་ག་ཏེ་འབད་རུང་ སྤྱིར་བཏང་གི་དྲི་བི་གཅིག་འདི་ “རྩིས་ཞིབ་ལུ་རྩིས་ཞིབ་ག་གིས་རྐྱབ་སྨོ་?” ཟེར་འདྲི་མི་འདི་ཨིན། རྒྱལ་གཞུང་རྩིས་ཞིབ་དབང་འཛིན་ལུ་ རྒྱ་གར་ལས་རང་དབང་ཅན་གྱི་རྩིས་འཛིན་མཁས་མཆོག་ལས་སྡེ་ཚུ་གིས་རྩིས་ཞིབ་རྐྱབ་ནི་ཡོད་པའི་གུ་ ནང་འཁོད་རྩིས་ཞིབ་ཚུ་ཡང་རྐྱབ་སྲོལ་ཡོདཔ་ཨིན། ནང་འཁོད་ཀྱི་སྡེ་ཚན་ཁག་ཚུ་གིས་ ལོ་བསྟར་བཞིན་དུ་ སྐོར་རྒྱབ་ཀྱི་ཐོག་ལས་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་རྩིས་ཁྲ་ཚུ་ལུ་ ནང་འཁོད་རྩིས་ཞིབ་རྐྱབ་ནི་ཡོདཔ་ཨིན།

 

ད་རེས་ནངས་པའི་རྩིས་ཞིབ་འདི་ རྒྱལ་ཡོངས་ཚོགས་འདུའི་གྲོས་ཆོད་དང་འཁྲིལ་ མི་དབང་འབྲུག་རྒྱལ་གསུམ་པ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་གི་བཀའ་ཤོག་ཐོག་ལས་ འགོ་བཙུགས་གནང་ཡོདཔ་ཨིན།

འགོ་ཐོག་དང་པའི་རྒྱལ་གཞུང་གི་རྩིས་ཞིབ་པ་བཞིཔོ་དེ་ ཚེ་འདས་ དྲགོས་བསྐལ་བཟང་། དྲགོས་ཀ་ཀ་རྡོ་རྗེ། བསོད་ནམས་རབ་རྒྱས། དང་ སློབ་དཔོན་གནག་མདོག། ཨིན།